Navigation

Inhaltsbereich

Graubünden (གྷི་རི་སོན་སི།) མངའ་སྡེའི་གང་ཟག་སྒེར་ལ་མི་རིགས་དབྱེ་འབྱེད་ཀྱི་ཤུགས་རྐྱེན་ཐད་ཀར་རམ་ཡང་ན་ཤུགས་ནས་གནོད་སྐྱོན་ཕོག་པ་ཚོར་སློབ་སྟོན་ལྟེ་གནས་ཁང་གིས་མཁས་པའི་སློབ་སྟོན་དང་རམ་འདེགས་སྤྲོད་ཀྱིན་ཡོད། ཐད་ཀར་གནོད་སྐྱོན་ཕོག་པའི་ནང་མི་དང་། དཔང་མི་དང་གཞན་འབྲེལ་ཡོད་ཚང་མས་སློབ་སྟོན་ལྟེ་གནས་ཁང་ལ་འབྲེལ་བ་བྱེད་འཐུས། ལྟེ་གནས་ཁང་གིས་མིང་འབོད་མེད་པའི་གསལ་བཤད་ཡི་གེ་ཡང་ངོས་ལེན་བྱེད་ཀྱི་རེད།

ང་ཚོའི་སློབ་སྟོན་པས་གཤམ་གསལ་གཞི་རྩའི་འགྲོ་སྟངས་ཐོག་ལག་བསྟར་བྱེད་ཀྱི་རེད།

  • གུས་ཞབས་ལྡན་པའི་སྤྱོད་ལམ།: སློབ་སྟོན་ཞུ་བར་ཡོང་མཁན་ཚང་མར་འཛེམས་ཟོན་མེད་པར་ཕྱི་གསལ་ནང་གསལ་དང་། ངོས་ལེན་དང་གུས་བཀུར་འཐོབ་ཀྱི་རེད།
  • དབྱེ་འབྱེད། : སློབ་སྟོན་ལྟེ་གནས་ཁང་གི་ལས་བྱེད་ཚོས་སློབ་སྟོན་ཞུ་བ་པོའི་སློབ་སྟོན་ཆ་ཤས་ལེན་པ་དང་ཁོང་ཚོའི་དཀའ་ངལ་སེལ་ཐབས་གཅིག་པུར་འབད་བརྩོན་བྱེད་ཀྱི་རེད། དེའི་དམིགས་ཡུལ་ནི་མི་རིགས་དབྱེ་འབྱེད་ཕོག་པའི་མི་ཚོར་ནུས་སྟོབས་དང་རམ་འདེགས་སྦྱིན་པ་དང་། ཁོང་ཚོའི་གནས་སྟངས་ཇེ་ལེགས་སུ་གཏོང་ཐབས་རེད།
  • རང་དབང་སྲུང་སྐྱོབ། : སློབ་སྟོན་ཞུ་བ་པོ་རང་ངོས་ནས་མོས་མཐུན་ཡོད་པའི་ཐོག་ནས་ཁོ་ནར་ལས་འགུལ་ཁག་ལག་ལེན་དུ་འགེལ་གྱི་རེད།
  • གཞན་དང་འབྲེལ་བ། : གང་ཟག་དང་གནས་སྟངས་གང་འདྲ་ཡིན་ཡང་འོས་འཚམས་ཀྱི་སློབ་སྟོན་འབུལ་ཆེད་མགོ་རྙོག་ཅན་དང་། ནང་ཁུལ་གྱི་འཛིན་སྐྱོན་གནད་དོན་ཐོག་དམིགས་བསལ་ཆེད་ལས་པའི་ཞབས་འདེགས་ལེན་འཐུས།
  • རིན་སྤྲོད་མི་དགོས་པ། : སློབ་སྟོན་ཞུ་བར་ཡོང་མཁན་ཚོར་ཞབས་འདེགས་འདི་རིགས་རིན་མེད་ཐོག་མཁོ་སྤྲོད་གནང་གི་རེད། དགོས་མཁོ་མཆིས་ཚེ་སློབ་སྟོན་ཆེད་རིགས་གཞུང་འདྲ་མིན་གྱི་སྐད་སྒྱུར་བ་མཁོ་སྤྲོད་གནང་གི་རེད། སློབ་སྟོན་ལྟེ་གནས་ཁང་གིས་འགྲོ་གྲོན་འདི་ཚོ་ཡང་ངོས་བཞེས་གནང་གི་རེད།

མི་རིགས་དབྱེ་འབྱེད་ཀྱི་གོ་དོན།

མི་རིགས་དབྱེ་འབྱེད་ནི་མི་སོ་སོའི་ཕྱིའི་གཟུགས་དབྱིབས་དང་། མི་རིགས་ཀྱི་ཡོང་ཁུངས། རིག་གཞུང་གི་ཁྱད་ཆོས།(སྐད་རིགས། མིང་།)ཡང་ན་ཆོས་ལུགས་བཅས་ཀྱི་ཐོག་ནས་དྲང་བདེན་མིན་པའམ་ཡང་ན་བཟོད་སྒོམ་མི་ཐུབ་པ། མཐོང་ཆུང་དང་མཚན་ཤས། ཡང་ན་ལུས་ལ་རྨས་སྐྱོན་གཏོང་བ་བཅས་ཀྱིས་གཞི་རྩའི་ཐོབ་ཐང་ལ་འགོག་རྐྱེན་བཟོས་པའི་གནད་དོན་ཆ་ཚང་ལ་གོ་བ་ཡིན། འདི་ནི་དུས་རྒྱུན་མི་ཚེའི་ནང་གི་ལས་ཀ་བྱེད་ས། གནས་སྡོད་བྱེད་ས། སློབ་གྲྭ རྩེད་མོ་རྩེ་སྐབས། མི་སྒེར་གྱི་མིའི་ཚེ་ནང་། མི་མང་འཛིན་སྐྱོང་བྱེད་སར་རམ། སྲང་ལམ་ཁག་ཏུ་ཡང་ཡོང་སྲིད།

མི་རིགས་དབྱེ་འབྱེད་དེ་གཙོ་བོར་ཤུགས་རྐྱེན་གྱིས་གྲུབ་འབྲས་ལ་རྩིས་པ་མ་གཏོགས་པ་ཀུན་སློང་ལ་མིན།

མི་རིགས་དབྱེ་འབྱེད་ཀྱི་དབྱེ་བ།

ཐད་ཀར་དབྱེ་འབྱེད་ནི་མི་སྒེར་གྱི་དངོས་ཡོད་དམ་འབྲེལ་བ་ཡོད་པའི་སྒེར་གྱི་ཁྱད་ཆོས་ལ་དམིགས་པའི་ཁྲིམས་མཐུན་མིན་པའི་དབྱེ་འབྱེད་ལ་ཟེར།

ཐད་ཀར་མིན་པའི་དབྱེ་འབྱེད་ནི་སྲིད་བྱུས། ལམ་ལུགས་ཡང་ན་ལག་བསྟར་གྱི་ཐོག་ནས་ཁྲིམས་མཐུན་དང་བཏང་སྙོམས་ཡིན་རུང་དམིགས་བསལ་ཚོགས་སྡེ་ལ་གྱོང་གུན་གྱི་ཤུགས་རྐྱེན་སྤྲོད་ཚེ་ཡོང་གིན་ཡོད།

དབྱེ་འབྱེད་མང་དག་དེ་མི་སྒེར་ཞིག་ལ་དབྱེ་འབྱེད་ཀྱི་ཁྱད་ཆོས་འདྲ་མིན་(དཔེར་ན་ཡོང་ཁུངས་དང་། དབང་པོ་སྐྱོན་ཅན། ཕོ་མོ་དབྱེ་བ། ལོ།)ཐོག་ནས་གྱོང་གུན་བཏང་བ་ཞིག་ལ་ཟེར།

འབྲེལ་མཐུད་འཕར་མ།

གཤམ་གསལ་འབྲེལ་མཐུད་ཐོག་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཐོག་གི་གནས་ཚུལ་འཕར་མ་རིགས་དང་། དུས་རྒྱུན་མི་ཚེའི་ནང་མི་རིགས་དབྱེ་འབྱེད་ལ་གདོང་ལེན་དང་འགོག་ཐབས་བཅས་ཇི་ལྟར་བྱ་མིན་ལག་བསྟར་ཐུབ་པའི་སློབ་སྟོན་རིགས་གསལ་ཡོད།

ང་ཚོར་འབྲེལ་བ་གང་འདྲ་བྱེད་ནས་གནང་དགོས་སམ།

Telerik RadEditor for SharePoint

ཁྱེད་ཀྱིས་ང་ཚོར་འབྲེལ་བ་བྱེད་སྐབས་སློབ་སྟོན་ལྟེ་གནས་ཁང་གི་སློབ་སྟོན་པས་ཐོག་མའི་སློབ་སྟོན་ལ་མོས་མཐུན་ཡོང་ཆེད་གང་མགྱོགས་ཁྱེད་ལ་འབྲེལ་བ་བྱེད་ཀྱི་རེད།